གཅིན་སྙི་ནད་པར་འཛེམ་བྱ་ཅི་ཞིག་ཡོད།
ཁུ་ནག་ལ་སོགས་བཏུང་ཁུའི་རིགས། །
མངར་མེད་མིན་ན་ཡོངས་སུ་འཛེམ། །
ཚྭ་དང་སྣུམ་དང་མངར་བོའི་རིགས། །
མ་ཟོས་ན་ནི་ཤིན་ཏུ་བཟང་། །
ཤ་དང་འོ་མ་སྲན་མའི་རིགས། །
ཇི་ལྟར་ཉུང་ན་དེ་ལྟར་བཟང་། །
སྔོ་ཚལ་དང་ནི་སིལ་ཏོག་སོགས། །
གཙང་མར་བཀྲུས་རྗེས་མང་ཙམ་ཟོས། །
འབྲུ་རིགས་སྣ་ལྔའི་ཟ་མ་ནི། །
མང་པོ་བརྒྱགས་ཚད་ཙམ་རེ་ཟོས། །