藏医古籍文献对感冒的认识
400 0 0
བྱང་པ་རྣམ་རྒྱལ་གྲགས་བཟང་།
    ཆམ་པའི་རྒྱུ་ནི་རིམས་སྤྱི་འདྲ་བ་ལ།།   ཁྱད་པར་མི་གཙང་ཁ་འདྲེས་རྡུལ་ཚུབ་༼འཚུབ་༽ཀྱིས།། རྐྱེན་ལས་ཕལ་ཆེར་དེ་དག་འབྱུང་བ་ཡིན།།   གྲེ་ཆམ་ཕལ་༼ཆེར་༽གྲེ་བ་ཚ་ཞིང་འཛེར།།  ཚ་སྟོབས་ཆུང་ཞིང་ཟས་སྤྱོད་གཟབ་པས་འཚོ།། འོན་ཀྱང་བོང་ང་དཀར་པོ་ཨ་རུ་ར།།  སྤང་རྒྱན་ཐང་གིས་མྱུར་དུ་སེལ་བར་བྱེད།།  གློ་ཆམ་གློ་མང་མགོ་དང་བྲང་རྒྱབ་ན།།   ཐ་མ་རྣག་ཏུ་ལུ་ཞིང་གློ་ཅོང་༼གཅོང་༽འགྱུར།།   ཐོག་མར་ཨ་རུ་ར་ཡི་ཁམ་མུར་བྱ།།  དེས་མ་སེལ་ན་ཅུ་གང་གངས་ཐིགས་དང་།།   གུར་ཀུམ་རུ་རྟ་ག་དུར་ཐུན་ཚད་མཉམ།།   དར་དམར་དག་ལ་བཏུམ་ནས་མུར་བས་ཕན།།   ཚད་སྟོབས་ཆག་ནས་ག་དུར་བཞག་པས་ཆོག །   རྙིངས་ན་ཤིང་དངར་༼མངར་༽བསྣན་པ་མཆོག་ཏུ་ཤིས།།   རིམས་ཆམ་དང་པོ་མགོ་དང་ཚིགས་བཞི་[གཞི་]ན།།   རོ་སྟོད་མི་བདེ་ཚིགས་ན་གྲང་ཞུམ་༼ཤུམ་༽བྱེད།།   ཤ་དྲོད་ཆེ་ཞིང་རྨི་ལམ་ཟ་ཟི་མང་།།   བཅུད་ཟས་དྲག་ཤུལ་ཐལ་ན་རྒྱས་ཚད་འགྱུར།།   རིམས་ཆམ་ཀྱུར་༼སྐྱུར་༽ཤོར་སྲོག་ལ་རྒོལ་བས་སྒྲིམས།།  དང་པོ་བསྙུང་༼སྨྱུང་༽བར་གནས་ལ་ཆུ་སྐོལ་བཏུང་།།  དེས་མ་སེལ་ན་བསིལ་གསུམ་བོང་ང་དཀར།།   གླ་གུལ་བྲག་ཞུན་འཛིམ་པ་སྦྱར་བའི་ཕྱེ།།    སླེ་ཏྲེ་༼ཏྲེས་༽ཀན་ངྷ་༼ཀཎྜ༽ཀ་རིའི་ཐང་གིས་དབུལ།།    ཟས་དང་སྤྱོད་ལམ་རིམ་༼རིམས་༽བཅོས་བཞིན་དུ་བྱ།།    ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བཏུས་པ་ཡིད་བཞིན་གྱི་ནོར་བུ་ལས།   ཆམ་པ་གསོ་བའི་ལེའུ་སྟེ་ང་བདུན་པའོ།།    །  །
编辑于2025-06-21 08:48:51
已有0人喜爱
声明:网友所发表的所有内容及言论仅代表其本人,并不代表诗人作家档案库之观点。
你需要登录后才能评论!
全部评论 (0)

暂无评论