སྨན་དཔྱད་ཟླ་རྒྱལ་ལས།
སེན་མོ་དམར་ལ་མདངས་ཆགས་ལེགས།།
སེན་མོ་མདངས་ཡལ་འཆི་བའོ།།
སྐྱ་ཤར་དག་ནི་བྱུང་བ་ནི།།
མཐེ་བོང་གློ་དང་མཛུབ་མོར་མཆིན།།
གུང་མོ་སྙིང་དང་སྲིན་ལག་མཆེར།།
མཐེའུ་ཆུང་མཁལ་མར་ཤེས་པར་བྱ།།
སྐྱ་ཤར་བད་ཀན་སོ་སོར་བརྟག།
ཐམས་ཅད་སྐྱ་བོར་སོང་བ་རླུང་གི་རླུང་།
ཐམས་ཅད་སེར་པོ་མཁྲིས་པའི་མཁྲིས་པ་སྟེ།།
དེ་ཉིད་ལྕི་བས་ཕལ་ཆེར་འཆི།།